• QQ好友群
  • 点评
  • 收藏

阿傍才保仁波切重要开示(藏汉对照版)

阿傍利生



དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེཿ

度森桑吉格热仁波切 

三世佛陀格热仁波切

དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབསཿ

吴哲根达带瓦钦波亚  

一切悉地尊主大乐足

བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལཿ

瓦恰根赛顿德扎波匝  

遣诸中断伏魔忿怒力

གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལཿ

索瓦代索寻吉拉德索  

至心恭敬祈请求加持

ས་ཆུ་མེ་རླུང་འབྱུང་བཞིའི་འཇིགས་པ་སོགས།།

萨奇美龙炯衣旧巴所  

地水火风四大灾害等

ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་བ་དངཿ

学囊桑卫瓦恰协瓦当  

息灭外内秘密中断已

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ

桑巴伦吉哲巴辛吉洛  

所念迅速成办求加持


དེ་ཡང་རང་ཅག་གི་རིགས་ཀྱི་མེ་ཏོག་གཅིག་པུ་བཀའ་དྲིན་མཚུངས་མེད་མཆོག་སྤྲུལ་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་ཞུ་ན། ཨོ་རྒྱན་འཇིགས་མེད་ཚེ་དབང་དྲག་པའམ་ཡོངས་གྲགས་སུ་ཨ་པང་མཆོག་སྤྲུལ་ཚེ་པོ་ལགས་ཀྱི་གསུང་འཕྲོས་གལ་ཆེན།    ཁོང་གིས་གསུང་རྒྱུར།  མདངས་ནུབ་བདག་གི་རྨི་ལམ་མཚར་པོ་ཞིག་རྨིས་སོང་།   དེ་ནི་བུད་མེད་ལ་བ་ལྗང་ཁྲ་གྱོན་པ་ཞིག་བདག་གི་གམ་དུ་འོང་ནས།   དེང་སང་རི་ཉིལ་བ་དང་ས་གཡོ་བ།  ཆུ་ལོག་རྒྱུག་པ་སོགས་འབྱུང་བཞི་གཡོ་འཁྲུགས་ཀྱི་འཇིགས་པ་དུ་མ་འབྱུང་གིན་འདུག་པས་དེ་དག་བཟློག་བྱེད་ཅིག་ཁྱེད་ཀྱིས་ཕྲིས་ཤིག་ཟེར།   དེ་ཚེ་བདག་གི་ཅི་ཞིག་གིས་ཕན་ནམ་ཙམ་སྙམ་ཚེ་གློ་བུར་དུ་རྣལ་འབྱོར་པ་དབུ་སྐྲ་སྤྱི་བོར་ཐོར་ཅོག་གླེགས་བམ་གྱིས་མཛེས་པ།  གཟན་དང་ཤམས་ཐབས་དཀར་པོ་གསོལ་བ་ཞིག་བྱོན་ནས།    འོ་དེ་ལ།དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།།

དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།།གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ།། ས་ཆུ་མེ་རླུང་འབྱུང་བཞིའི་འཇིགས་པ་སོགས།།  ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་།།   བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།  ཞེས་གསོལ་འདེབས་བར་ཆད་ལམ་སེལ་བསྡུས་པ་དུས་གསུམ་སངས་རྒྱས་ལ་ཁ་བསྒྱུར་འདི་བཏགས་ནས་བཟླས་ན་དེ་ལས་ཟབ་པ་མེད་ཅེས་གསུངས་བྱུང་།   དེ་ཚེ་བདག་གིས་འོ་དེ་ད་ལོས་ཡིན་སྙམ་པ་བྱུང་།    ད་ནངས་གོང་གི་ཚིག་དེ་ཚོ་གསལ་བོར་དྲན་གྱིན་འདུག  སྤྱིར་རྨི་ལམ་འཁྲུལ་བ་ཡིན་པས་བདེན་པ་མེད་མོད།  རྨི་ལམ་ཟེར་ན་ཉམས་སྣང་ཟེར་ན་དེ་འདྲ་མཚར་པོ་ཞིག་བྱུང་སོང་བས།    དེ་ལྟར་བཏོན་ན་གཞན་ལ་ཕན་ཅུང་ཙམ་རེའང་ཐོག་སྲིད་དམ་སྙམ་ནས་ངས་ཁྱོད་ལ་སྨྲས་པ་ཡིན།  ཞེས་གསུངས་བྱུང་།  དེས་ན་རང་ཅག་ཁོང་དང་ཁོང་གི་གསུང་ལ་ཡིད་ཆེས་པ་དག་གི་གཙོའི་རིས་མེད་དད་ལྡན་ཕོ་མོ་ཀུན་གྱིས་གསོལ་འདེབས་འདི་ཉིད་ལ་འབད་པ་བསྐྱེད་རིགས་པས་ཀུན་གྱིས་ཐུགས་འཛིན་ཞུ།   ཞེས་ཁོང་གི་སློབ་འབངས་ཀྱི་ཡང་ཐ་མཁན་མིང་པ་དཀོན་མཆོག་སྲུང་གིས་བོད་རབ་གནས་ས་ཕག་བོད་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་དེ་མ་ཐག་པར་ཁོང་གི་གསུང་འཕྲོས་ཇི་བཞིན་པ་ཡི་གེར་ཕབ་པའོ།།    

                                                                              ༢༠༡༩. ༡༠. ༦ ཉིན།

      我们的唯一怙主、无比大恩的化身仁波切——邬金晋美才旺扎巴,又称为阿傍才保活佛有非常重要的开示,他是这样说的:

“昨晚我做了一个非常清晰的梦,梦中有个身着绿纹衣服的女子来到我身边,说‘如今经常出现山体滑坡、地震、洪水泛滥等四大紊乱的灾害,因此必须予以回遮,请您减少这些灾害’,我正在想‘怎样才能有所饶益’时,忽然来了一名头顶发髻中装饰着经函、身着白色披单和裙子的瑜伽士,说道‘三世佛陀格热仁波切,一切悉地尊主大乐足,遍除障碍降魔忿怒力,至诚恭敬祈请赐加持,地水火风四大灾害等,外内秘密障碍尽消除,所念任运祈请赐加持’。如果在《遣除道障祈请颂·三世佛陀》中加上这一句来念诵的话,就没有比它更深奥的法了’,当时我就想‘哦,那这样就没问题了’,直到今天早上,我还能非常清楚记得当时的那句话。虽然一般迷乱的梦境都是不真实的,但因为这个所谓的‘梦境’、‘觉受显现’是如此的清晰,我想如果这样来念诵的话,也许能稍微利益到他人吧,于是就对你说了。

因此,所有对仁波切和他的开示具足信心的人以及没有偏见的男女信众们都应该精进地念诵这个祈祷文,还望大家谨记在心!


仁波切弟子中的最下等者“贡秋森”,于藏历己亥年八月初八当天如实记录下他的开示。

                                                                          2019.10.06



10
文章点评

最近更新

© 2015-2024 素超人

发帖规范以及说明 举报方式:点击联系我们