• QQ好友群
  • 点评
  • 收藏

土登龙多丹培仁波切金刚语

大圆满虹身之旅

  点 击 上 方 蓝 字 关 注 置 顶

               

                                               

香港虹身成就法法会圆满后,土登龙多丹培仁波切面见了多智钦法王,对此次香港弘法的盛况做了汇报,法王听了仁波切的汇报极为欢喜,法王专注地看了香港法会的视频后,对仁波切说今后虹身成就法一定会广弘,能够利益更多有情众生。此后,2019年6月7日清晨,上师仁波切于大圆满状态下心间自然流露出以下金刚语,与各位师兄一起分享如下:

བདག་གི་སྤྱི་གཙུག་འཇའ་འོད་འཁྱིལ་བའི་ཀློང་།

我之头顶广空虹光绕

འོག་མིན་ཟང་མདོག་དཔལ་རིའི་ཕོ་བྲང་ནས།

密严妙宫铜色吉祥山

རིག་འཛིན་འདུས་པ་རྒྱ་མཚོའི་ཚོགས་གྲྭཡལ་ནས།

汇聚如海众多持明中

དབུས་སུ་སྐལ་བཟང་སྟོང་གིས་ངོ་བོ་ཉིད།

数千妙善劫之大法性

སྙིགས་མས་རྒུད་པ་སེལ་བའི་དེད་དཔོན་མཆོག།

浊时祛暗无上圣导师

པད་མ་འབྱུང་གནས་འགྲོ་བའི་མགོན་པོ་ཉིད།

众生怙主莲花生大士

དབུ་ལ་པད་ཞྭ་སྐུ་ལ་ཟ་བེར་གསོལ།

头戴莲冠身披锦绸衣

ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར་བ་དང་།

右举金刚妙铃于高空

ཕྱག་གཡོན་ཐོད་པ་ཐོག་ཅིང་ཚེ་བུམ་འཛིན།

左持头骨以及长寿瓶

ངོ་མཚར་ལྡན་པ་པད་མའི་ཁྲི་སྟེང་དུ།

于那绝伦莲花法座上

ཡབ་ཡུམ་མཚོན་བྱེད་ཁ་ཏྲཾ་བསྣམ་པ་ཡིས།

持有象征男女之天杖

ཞབས་གཉིས་མི་འགྱུར་རྡོ་རྗེ་དཀྱིལ་ཀྲུང་བཞུགས།

二足示现金刚跏趺姿

གཡས་སུ་ལྷ་ལྕམ་མནྡ་ར་བ་ནི།

右为玛达热那空行母

ཕྱག་གཡས་ཐོད་པ་བདུད་རྩིའི་བཀང་བ་དང་།

右持头骨尽满甘霖溢

གཡོན་པའི་པདྨ་དཀར་པོ་ཐུགས་ཀར་བསྣམས།

左执白色妙莲于胸前

གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འཁྱུད།

左未益西措嘉空行母

ཕྱག་གཡས་རྡོ་རྗེ་བསྣམས་ཅིང་གཡས་སུ་འགྱིང།

右执金刚妙铃向外倾

ཕྱག་གཡོན་ཐོད་པ་འཛིན་ཅིང་འགྲོ་ལ་བརྩེ།

左持头骨慈爱诸有情

འཁོར་དུ་རྗེ་འབངས་ཉེར་ལྔ་རིག་འཛིན་བརྒྱད།

君臣二十五及八持明

རྩ་གསུམ་མཁའ་འགྲོ་ཆོས་སྐྱོངས་ཚོགས་དང་བཅས།

三宝空行以及诸护法

མདུན་གྱིས་ནམ་མཁར་སྤྱན་འདྲེན་ས་མ་ཡ།

一一迎请至我前方空

མོས་པའི་བུ་ལ་བརྩེ་བའི་སྤྱན་གྱི་གཟིགས།

祈请悲照我等善信者

བསྐལ་བའི་ཐོག་མ་སངས་རྒྱས་གྲངས་བྱོན་ཀྱང་།

起初善逝降临人间时

གདུལ་ཞིང་མ་སྐྱེ་འཁོར་བའི་འདམ་ནས་འཁྱམས།

未生调伏之境遂轮回

ད་རེས་མི་ལས་ཐོབ་པའི་སྐལ་བཟང་ལ།

此生有幸获得此人身

འོད་གསལ་རྫོགས་པ་ཆེན་པོ་ཉམས་སུ་ལོངས།

得此善缘修习大圆满

མི་རྟག་འཇིག་རྟེན་འཁོར་བ་སྤྲིན་བཞིན་དུ།

无常轮回世间如云烟

སྐད་ཅིག་ཙམ་ཡང་རྟག་པར་མ་མཆིས་སོ།

哪怕一刹那也不常住

འཁོར་བའི་ཆོས་ལ་སྙིང་བོ་མེད་པར་བསྒོམ།

观想一切世间法无义

ནམ་འཆི་ཆ་མེད་མི་རྟག་རྒྱུད་ལ་བསྒོམ་

观想生命无常真实义

མི་ལ་ལྟ་བའི་དཀའ་བ་མ་མཛད་ཀྱང་།

没有米拉日巴般苦修

པད་བབྱུང་དངོས་མཉམས་བཻ་རོ་ཙ་ན་དང་།

没有毗卢遮那般见地

གུ་རུའི་དངོས་སློབ་ནམ་མཁའི་སྙིང་པོ་སོགས།

莲师弟子南卡宁波般

ཉི་མའི་ཟེར་བྱོན་རྫུ་འཕྲུལ་མ་བསྟན་གྱང་།

没有骑行阳光之神通

ད་ནས་སྐྱེ་དང་ཚེ་རབ་ཕྲེང་བ་ཀུན།

我愿此生以及诸来世

བདག་གིས་ལུས་ངག་ཡིད་གསུམ་དེ་ཉིད་ཀུན།

我之身口意及诸拥有

ཐར་ལམ་སྟོན་པར་མཛད་པའི་བཤེས་གཉེན་པ།

供奉指引解脱之导师

རྩ་བའི་བླ་མའི་སྐུ་གསུང་ཐུགས་ལ་འབུལ།

供奉根本上师身口意

ཐེག་པ་རིམ་དགུས་ཡང་རྩེ་ཡོ་ག་གསུམ་

九乘教法顶部三瑜伽

དབང་བསྐུར་རྒྱུད་བཤད་མན་ངག་གནང་བ་སོགས།

所获灌顶传承及诀窍

ཉམས་སུ་ལེན་ཅིང་རྟག་པར་ནན་ཏན་མཛོད།

切记日常精益勤修习

རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་།

严守身语意之根本戒

ཆོས་གྱི་རྩ་བ་བྱང་ཆུབ་སེམས་མཆོག་ཡིན།

善法之根即是菩提心

སྙིང་རྗེ་མེད་པའི་འགྲོ་བ་མི་རྣམས་ལ།

没有怜悯之心之众生

དཀར་པོ་ཆོས་ཀྱི་འབྲས་བུ་མི་འབྱུང་ངོ་།

何以能生善法之妙果

དེ་ཕྱིར་ཆོས་གྱིས་རྩ་བ་སྙིང་རྗེ་ཡིན།

如此法之根本为怜悯

བདག་གི་དགེ་རྩ་ཆེ་ཆུང་གང་སྒྲུབས་ཀྱང་།

我所行之一切向善法

ཐེག་ཆེན་ལམ་ནས་ཀུན་སློང་སེམས་བསྐྱེད་གཙོ།

大乘要道根本为发心

གཅིག་པར་མ་དམིགས་ཕ་མ་རིགས་དྲུག་ཀུན།

同视六道众生如父母

མཐར་ཐུགས་རྫོགས་སངས་རྒྱས་པའི་དོན་དུ་སྨོན།

一心修习只为得解脱

ཐུབ་བསྟན་ལུང་རྟོགས་བསྟན་འཕེལནས།

土登龙多丹培仁波切著

2019年6月7日


6
文章点评

最近更新

© 2015-2024 素超人

发帖规范以及说明 举报方式:点击联系我们