༄༅།། རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣམ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།
觉性不变智慧大士格萨尔王之上师瑜伽-加持速入
ཨེ་མ་ཧོ། 诶玛获
མདུན་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་།།
顿南卡嘉喔尺毕龙 前方虚空虹光密布界
ལྷ་རྩ་གསུམ་དགྲ་བླའི་སྤྲིན་ཕུང་དབུས།།
拉匝森扎利珍彭唯 三根尊众战神如云集
ཕ་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྩལ།།
帕吉秋诺沃扎德匝 胜士慈父降魔宝力尊
བྱིན་ཐིབས་སེ་དགྱེས་ཞལ་ངོམ་བཞིན་བཞུགས།།
辛塔色吉夏昂云修 加持密集和颜悦色住
མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན།།
滚嘉瓦根第图杰坚 估主诸佛总集大悲尊
དཔལ་ཨོ་རྒྱན་ཆེན་པོའི་སྤྲུལ་བའི་སྐུ།།
花邬金钦布哲贝各 吉祥邬金莲师幻化身
རྗེ་རིགས་གསུམ་གཅིག་འདུས་སེང་ཆེན་རྒྱལ།།
杰瑞森吉第桑钦嘉三部集一至尊大狮王
བུས་མོས་གུས་བཟོད་མེད་གདུང་ཤུགས་ཀྱིས།།
部木给索美东秀吉子以难忍猛厉之信心
ཕ་ཁྱོད་ལ་གསོལ་བ་སྙིང་ནས་འདེབས།།
帕切拉索瓦酿内得 由心深处祈祷慈父您
ཐུགས་འོད་གསལ་འཕོ་འགྱུར་མེད་པའི་ངང་།།
图奥萨颇觉美贝昂 无有迁变光明密意中
བྱམས་སྙིང་རྗེའི་སྤྲིན་ཆེན་རྟག་ཏུ་འཁྲིགས།།
先酿吉珍钦达德彻慈悲大云恒常作密布
ལས་སྨོན་ལམ་མཐུན་པའི་གདུལ་བྱ་ལ།།
蕾门郎吞贝德夏拉随顺宿缘愿力所化众
བྱིན་བཙན་ཐབས་འབེབས་པའི་ཐུགས་རྗེ་ཅན།།
辛赞塔培贝图杰坚 猛厉加持降临大悲尊
དཔའ་དགྲ་བླའི་སྐུ་ཆས་རེ་རེ་ཡང་།།
华扎利各其瑞瑞央威猛战神每一缤纷饰
ལྷ་རྩ་གསུམ་དཀྱིལ་འཁོར་གྲངས་ལས་འདས།།
拉匝森杰括章利达三根本尊坛城量难思
དྲན་ཙམ་གྱིས་བྱིན་རླབས་དབང་ཆེན་ཐོབ།།
占藏吉辛拉旺钦托仅念获得加持大灌顶
ཡབ་དཔའ་བོས་བྲོ་བརྡུངས་ཁྲབས་སེ་ཁྲབས།།
雅华乌卓东查色查父尊勇士起舞步嚓嚓
ཡུམ་དཔའ་མོས་གླུ་ལེན་ཤ་ར་ར།།
晕华暮乐林霞日日母尊勇女轻歌音旖旎
རྟ་འདོ་རྗེའི་ཧེར་སྒྲ་ལྷངས་སེ་ལྷང་།།
达多吉黑扎朗色朗骏宝马鸣长嘶声朗朗
དཔའ་དགྲ་བླའི་བཞད་སྒྲ་ཆེམས་སེ་ཆེམ།།
华扎利希扎钦色钦 威猛战神欢笑声洪亮
སེམས་མོས་དུང་ཅན་གྱི་སྐྱེ་བོ་ལ།།
森暮东坚杰借沃拉 于具虔诚信心士夫众
ད་མ་གཡེལ་མ་གཡེལ་བྱིན་གྱིས་རློབས།།
达玛叶玛叶辛吉洛 即刻赐予加持勿延迟
ལུས་འདི་ལ་དགྲ་བླའི་དཔའ་རྫོང་ཆོས།།
利德拉扎利华宗曲 于此身塑战神坚固城
ངག་འདི་ལ་འཕྲུལ་གསུང་དབང་ཞིག་སྐུར།།
奥德拉持颂旺西格于此幻语祈赐胜灌顶
སེམས་འདི་ལ་བདེ་སྟོང་རིག་རྩལ་སྤོར།།
森德拉得东热匝波 于此心赐乐空妙力炽
རྗེ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག།
吉切当耶美哲巴效 祈愿成就与您无别位
བླ་མ་མཁྱེན། ཞེས་ཅི་མང་དང་།
བླ་མ་སྐྱེས་མཆོག་ཡིད་བཞིན་ནོར་བུ་མཁྱེན།། ཞེས་དང་།
喇嘛钦 上师知 如是多念
如此念诵
喇嘛给秋耶因诺沃钦 上师胜士如意宝知
ཨོཾ་ཨ་ཧཱུཾཿ བཛྲ་མ་ཧཱ་གུ་རུ་མ་ཎི་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུཾ།
嗡啊吽 班匝 玛哈格热 玛呢日匝 萨瓦色德 帕拉吽
ཞེས་པ་ཅི་ཅི་ནུས་བཟླས་མཐར་དབྱངས་གསལ། ཡིག་བརྒྱ་རྟེན་སྙིང་བཟླ།
如是尽力念诵根本咒语后一起念三遍字母咒,金刚萨埵和百字明缘起咒。
བླ་མ་ཡབ་ཡུམ་འཁོར་དང་བཅས་བ་འོད་དུ་ཞུ་ནས་བློ་འདས་ཆོས་སྐུའི་རང་ཞལ་ལྟ༔
喇嘛雅云扩唐结吧 维读秀捏 罗蝶曲古囔写塔
上师佛父佛母周围眷属一切化光融入自身,远离思维法身本面观
ཞེས་བཟླས་མཐར་རང་དང་དབྱེར་མེད་བློ་འདས་ཆོས་སྐུའི་ངང་དུ་བཞག བྱིན་རླབས་མྱུར་འཇུག་རིག་རྩལ་བརྡ་རྟགས་སྟོན།། ཞག་བདུན་གསོལ་བཏབ་རྗེས་སུ་ངེས་པར་འཛིན།། རང་རིག་བློ་འདས་ངང་ནས་སེང་ཆེན་རྗེའི།། བྱིན་རླབས་ཆེ་ཐོབ་རིག་པའི་རྡོ་རྗེས་སྤེལ།། ཐུན་མཐར་ཧོར་འདུལ་དང་རྟ་རྒྱུག་གསོལ་འདེབས་དབྱངས་སྙན་པོས་བསྒྲགས་པར་བྱའོ།། ཐམས་ཅད་འདུལ་གྱི་ཟླ་༣ཚེས་༢༣ལའོ།། །།དགེའོ།།མངྒལཾ།།
诵毕,于自无别离思法身中安住。加持速入觉力证相显,七日祈祷随念定摄持,自证离思自性大狮尊,获大加持觉性金刚(麦彭仁波切)著 收座时以妙音念颂调伏霍尔国及赛马祈祷文。火猪年三月二十三日著。善哉!芒嘎朗!